Share

དབུས་སྐད་ལས་རིམ།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༣།༣
1རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་ཁོངས་སུ་བཅུག་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཆེན་རྫོང་འདི་བཞིན་གཡུ་འབྲུག་ཟེར་འབོད་པའི་གྲོང་རྡལ་དུ་གནས་སྤོ་བྱེད་ཀྱི་ཡོད་པ།
2 སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་བོད་ཀྱི་ལོ་གསར་རྗེས་ལ་དགེ་ཚུལ་སློང་གི་སྡོམ་པ་གནང་རྒྱུ་དབུ་བཙུགས་གནང་ཡོད་པ།
3 རྒྱ་ནག་གཞུང་གིས་རྒྱུན་མཐུད་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་ཆག་བཏང་བཞིན་པའི་གནད་དོན་ཐད་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་Charles de Courson གྱིས་ཧྥ་རན་སི་རྒྱལ་ཁབ་ཀྱི་ཡོ་རོབ་དང་ཕྱི་འབྲེལ་བློན་ཆེན་ལ་ཡིག་ཐོག་ཏུ་དྲི་བ་ཕུལ་འདུག
4 ལོ་ལྟར་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་སྐབས་དེར་ཆོ་འཕྲུལ་སྨོན་ལམ་ཞེས་ཚོགས་སྲོལ་ཡོད་པ་བཞིན་བཙན་བྱོལ་ནང་དུ་རང་དབང་ངང་སྨོན་ལམ་ཚོགས་བཞིན་ཡོད་པ་དང་། བོད་དམ་དྲག་བྱས་ཡོད་པ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཆོ་འཕྲུལ་སྨོན་ལམ་ཚོགས་ཡོད་པའི་གནས་ཚུལ་འདི་པད་མ་དངོས་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
5 རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་འཕྲིན་ལས་རྒྱ་མཚོ་ལགས་གློད་ཡོད་རུང་དམ་དྲག་འོག་གནས་འདུག
More episodes
View all episodes

དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༠༤།༡༤
15:00|1 རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་ཇག་དྷིབ་དྷན་ཁར་ལགས་ཀྱིས་ཚེས་༡༤ཉིན་༧གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། དེ་མིན་བཀའ་སློབ་གནང་ཡོད་པ་སོགས། 2 འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་བཞུགས་སྒར་དུ་བཅར་ཏེ་༧གོང་ས་མཆོག་མཇལ་ཁ་ཞུ་མཁན་ཁག་ཅིག་ལ་བདེ་སྐྱིད་ཀུན་སྒྲོལ་ལགས་ཀྱིས་བཅའ་འདྲི་ཞུས་པ་ཞིག་ཡོད།3 ༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐད་རྒྱ་ནག་ལ་ཐེ་ཇུས་བྱེད་དབང་མེད་སྐོར།4 རྒྱ་ནག་ལྟ་བུའི་མང་གཙོ་མེད་པའི་རྒྱལ་ཁབ་ཅིག་གིས་བོད་མིའི་མང་གཙོའི་ལམ་ལུཊ་ལ་སྐྱོན་བརྗོད་བྱེད་དབང་མེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་པའི་གནས་ཚུལ་ཞིག5 བོད་ནང་གི་དཔོན་རིགས་ཟུར་པ་ཞིག་ལ་སྒྲིག་ཁྲིམས་ཞིབ་བཤེར་བྱེད་འགོ་བཙུགས་འདུག6 ༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ལོ་ལྔ་དྲུག་གི་ནང་རང་དབང་ལུང་པར་འཁྲུངས་པའི་རེ་བ་གནང་གི་འདུག 7 མི་རིཊ་མཐུན་སྒྲིལ་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོ་རྒོལ་ཆེད་ནིའུ་ཡོག་གི་རྒྱལ་ཚོཊ་ལས་ཁུངས་མདུན་ཆུ་ཚོད་ ༩༠ ཟས་བཅད་ལས་འགུལ་སྤེལ་བ།8 གདན་ས་བཀྲིས་ལྷུན་པོར་ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཞིང་། ཚན་རིག་གི་ཐབས་ལམ་བརྒྱུད་ནང་པའི་བྱམས་སྙིང་རྗེ་དང་སེམས་ཀྱི་ཞི་བདེ་འཛམ་གླིང་ནང་གོང་སྤེལ་གཏོང་རྒྱུར་ཕན་ཐོགས་ཡོད་སྐོར།9 ཕྱི་ལོ་ ༢༠༢༦ ལོའི་བཙན་འབྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་སླེབ་ལ་ཉེས་བར་སོང་འདི་གར་སྒང་ཏོག་ཁུལ་དུ་གནས་སྡོད་བོད་མི་རྒན་གཞོན་ཁག་ཅིག་ལ་བཅའ་འདྲི་ཞུས་སྐོར།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༤།༠༧
15:00|1 ༧གོང་ས་མཆོག་ནས་སེམས་ལ་དཀའ་ངལ་འཕྲད་སྐབས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་སྐོར་བཀའ་གནང་ཡོད་པ།2 ཁེ་ན་ཌའི་དཔལ་འབྱོར་བློན་ཆེན་གྱིས་ཉིན་གྲངས་ ༥ རིང་གི་རྒྱ་ནག་ཏུ་འཚམས་གཟིགས་གནང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་འབྲེལ་བའི་གནད་དོན་གླེང་ཡོད་པ་འཚམས་གཟིགས་ཀྱི་ཉིན་མཐའ་མར་གསུངས་འདུག3 བོད་ཀྱི་ས་མཐོའི་ནུས་པའི་བྱུང་ཁུངས་གསར་སྤེལ་གྱི་ལས་གཞིའི་ཁྲོད་ནས་ཞིང་འབྲོག་ཁུལ་གྱི་འཚོ་བར་དོ་ཕོགས་ཐེབས་བཞིན་ཡོད་པ།4 དགེ་འདུན་པ་དར་རྒྱས་ལགས་སུ་གསང་བའི་ཐོག་ནས་ལོ་བདུན་གྱི་ཁྲིམས་ཐག་བཅད་པ།5 བོད་ཕྲུག་རྒྱ་བསྒྱུར་གྱི་སློབ་གསོ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། བྱང་ཨ་རིའི་གཟའ་འཇུག་སློབ་གྲ་ཁག་གི་རིག་རྩལ་འགྲན་བསྡུར་ཐོག་མ་འདི་གཉེར་ཡོད་པ། 6 ཤེས་རབ་ཀྱི་ཕོ་རོལ་ཏུ་ཕྱིན་པའི་སྐོར་གྱི་བརྗོད་གཞིའི་ཐོག་བཙན་བྱོལ་ནང་གཞུང་ཆེན་རིས་མེད་ཀྱི་བགྲོ་གླེང་ཐེངས་དགུ་པ་འདི་ཚོགས་གནང་འདུག7 དེ་སྔ་འབྲས་སྤྱི་སྦེ་སིལ་སྒུལཌ་ལགས་ཀྱིས་ཉར་ཚགས་གནང་པའི་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་མཚོན་པའི་ཡིག་ཆ་འགྲེམས་སྟོན་གནང་པ།8 ལ་དྭཊ་སུ་བྷོ་ཌི་སྐད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཤིང་། རྒྱ་གར་གཞུང་གི་ངོས་འཛིན་ཐོབ་ཐབས་གནང་བཞིན་ཡོད་པའི་སྐོར།9 ཕ་རན་སི་རྒྱལ་ཡོངས་དང་སུད་སི་འཇི་ནི་ཝ་བཅས་སུ་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༣།༣༡
15:00|1 ༧གོང་ས་མཆོག་ནས་འཚེ་བའི་ལས་དང་འགལ་རྐྱེན་འཁྲུག་རྩོད་གང་མྱུར་ཞི་བའི་ཐུགས་སྨོན་དང་འབོད་སྐུལ་གནང་འདུག2 ཁམས་འབའ་ཐང་རྫོང་ནང་རི་ཉིལ་ནས་ཆུ་བོ་འགག་པའི་གནས་ཚུལ་ཐོན་ཡོད་འདུག3 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཞྭ་མོ་ནག་པོའི་ལས་འགུལ་ཟེར་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གོམ་བགྲོད་ཀྱི་ལས་འགུལ་དབུ་བཙུགས་ཡོད་པ4 བོད་དོན་གྲོས་འཆར་བཏོན་ཏེ་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་ལ་བདག་དབང་མེད་སྐོར་གསུངས་པ།5 ༡༩༥༩ལོའི་ཟླ་༣ཚེས་༣༡ཉིན་༧གོང་ས་མཆོག་འཕགས་བོད་ས་མཚམས་སུ་ཞབས་སོར་འཁོད་པའི་ཉིན་མོར་དྲན་གསོ་ཞུས་པ།6 བོད་ཀྱི་རྒྱལ་དར་དང་རྒྱལ་རྟཊ། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོཊ་ཀྱི་སྒྲིག་གཞི་གཏན་འབེབས།7 སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མ་འདི་མཇུག་བསྒྲིལ་བ།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༣།༢༤
15:00|1 ནག་ཆུ་མཚེའུ་གཉིས་རྫོང་འདི་བཞིན་གནས་སྤོ་བྱས་པའི་རྗེས་ཀྱི་གནས་སྟངས།2 ༧གོང་ས་མཆོག་ནས་དད་ལྡན་པ་ཚོར་མཇལ་ཁ་དང་བཀའ་འདྲི་ཞུས་པར་བཀའ་ལན་གནང་བ། 3 སྦར་སིལ་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཧྥ་རན་སི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་དང་མཇལ་འཕྲད་གནང་ཡོད།4 རང་དབང་ཁང་པས་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྙན་ཐོ་འགྲེམས་སྤེལ་གནང་བའི་ནང་བོད་འདི་རང་དབང་གི་གནས་སྟངས་སྐྱོ་ཤོས་ཀྱི་མིང་གཞུང་ནང་བཅུག་ཡོད་སྐོར། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་གསར་པར་གཞུང་འབྲེལ་ཐོག་ངོ་རྒོལ་གྱི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་བ།5 དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་ཡིག་ཟིན་བྲིས་སྐོར་གནས་ཚུལ་ཞིག་བཟོས་ཡོད། 6 ཨ་རིའི་གྲོས་ཚོགས་གོང་མའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མིས་བོད་དོན་སྲིད་ཇུས་ནུས་པ་ཆེ་རུ་གཏོང་དགོས་པའི་རེ་སྐུལ་གནང་བ། 7 མཛེས་དགའ་རྒྱ་མཚོ་ལགས་ཟླ་བ་དྲུག་རིང་བཀག་ཉར་གྱིས་གློད་བཀྲོལ་བཏང་འདུག
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༣།༡༧
15:00|1 ༧གོང་ས་མཆོག་ནས་འཕྲུས་ཆས་ཀྱིས་མིའི་བསམ་བློ་རྗེས་ཟིན་ཐུབ་ཀྱི་མ་རེད་ཅེས་བཀའ་གནང་སྐོར་།2 རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་གཏན་འབེབས་བྱས་པ།3 གཏེར་ཚང་ཞེས་པའི་མི་བཟོས་རིག་ནུས་ཤིག་གོ་ལ་ཁྱོན་ཡོངས་ལ་ཁྱབ་སྤེལ་བྱས་ཡོད་པ་རེད། 4 རྩིས་ལོ་ ༢༠༢༦-༢༧ ཆེད་སྒོར་ས་ཡ་ ༣༤༠༠ ཙམ་གྱི་སྔོན་རྩིས་འཆར་འབུལ་ཞུས་པ།5 ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་སར་དུ་རྫས་དབྱུགས་ནས་བར་ཆད་བཟོས་པ།6 ཨ་རིའི་རྒྱ་ནག་ཐོག་བསྐྱར་ཞིབ་ལྷན་ཁང་ཞིག་གི་སྐུ་ཚབ་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།7 བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་ཆགས་ཀྱི་ཡོད་པ། 8 བཞུགས་སྒར་རྡ་རམ་ལ་ལར་ཉིན་གཉིས་རིང་རྒྱ་གར་བོད་དོན་རྒྱལ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བརྒྱད་པ་འདི་ཚོགས་ཡོད་པ།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༣།༡༠
15:00|Summary:1 གསུམ་བཅུའི་དུས་དྲན་གྱི་སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱས་པ། 2 བཞུགས་སྒར་རྡ་རམ་ས་ལར་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་གཞུང་འབྲེལ་གྱི་སྲུང་བརྩི་གནང་ཡོད་པ་སོགས་ཀྱི་གནས་ཚུལ་བདེ་སྐྱིད་ཀུན་སྒྲོལ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད། 3 ཡོ་རོབ་ཀྱི་ཡུལ་གྲུ་ཁག་དང་ཨ་རིའི་ཁེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ཁག་བཞིའི་ནང་བོད་ཀྱི་རྒྱལ་དར་སྒྲེང་བཙུགས་གནང་ཡོད་པ།4 བཞུགས་སྒར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐོང་ཚོགས་གནང་ཡོད་པ། 5 བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི། རྒྱ་གར་བྱང་ཤར། 6 བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི། རྒྱ་གར་ལྷོ་ཕྱོགས།7 བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི། ཨ་རིའི་རྒྱལ་ས། 8 ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ལོ་འཁོར་སྙན་ཐོ་ཞིག་བཏོན་པ་དེའི་ནང་། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར་དང་། བོད་ཀྱི་ཆོས་དད་རང་དབང་གི་གནད་དོན་ཐོག་གླེང་ཡོད་པ་དེའི་ཐད་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ལན་འདེབས་གནང་ཡོད་པའི་སྐོར་གྱི་གནས་ཚུལ་འདི་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།9 བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི། ལ་དྭགས།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༢།༢༤
15:00|1 ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།2 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་སྐབས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ཀྱིས་བོད་ནང་གི་བོད་མིའི་གནས་སྟངས་དང་རེ་འདུན་སྙན་སེང་ཞུས་ཡོད་པ།3 བཞུགས་སྒར་གྱི་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་ནག་གི་བཙན་གནོན་འོག་འདས་གྲོངས་སུ་སོང་བའི་བོད་མི་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་གནང་ཡོད་པ།4 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་ཞུས་ནས་ལོ་ངོ་ ༨༦ འཁོར་བའི་དུས་དྲན་གྱི་མཛད་སྒོ་འདི་བཞུགས་སྒར་རམ་ས་ལར་ཚེས་ ༢༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྐུ་མགྲོན་བཅས་དབུ་བཞུགས་ཐོག་སྲུང་བརྩི་ཞུས་ཡོད་པ།5 དགུན་དུས་ཨོའོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནང་བོད་པའི་ལུས་རྩལ་པ་བཞི་མཉམ་ཞུགས་བྱས་ཡོད་ཅིང་། ཁོང་ཚོ་ནི་རྒྱ་ནག་གཞུང་གིས་གཟེངས་རྟགས་ལ་དམིགས་ཏེ་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད་པ་ཞིག་ཡིན་སྐོར།
དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༢།༡༧
14:59|ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་བ། ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་བོད་ཀྱི་ལོ་གསར་གྱི་སྲུང་བརྩིའི་མཛད་སྒོ་གནང་བ།༧གོང་ས་མཆོག་བཞུགས་སྒར་ལ་ཞབས་སོར་འཁོད་པ།ཞི་བདེའི་ཆེད་ཀྱི་གོམ་བགྲོད་གནང་མཁན་དགེ་འདུན་པར་༧གོང་ས་མཆོག་ནས་གསུང་འཕྲིན་བསྩལ་བ།