Share

cover art for ཁ་བའི་གྲོས་རྭ། ༢༠༢༥།༣།༡༩

གཏམ་གླེང་ཞལ་པར།

ཁ་བའི་གྲོས་རྭ། ༢༠༢༥།༣།༡༩

ཁ་བའི་གྲོས་ཪྭའི་ལེ་ཚན་ནང་། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༢༥་ལོའི་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཅེས་པ་བསྐྱར་བཅོས་ལག་བསྟར་བྱས་པའི་ནང་གཙོ་བོ་གང་བཀོད་ཡོད་པ་དང་། དེའི་རྒྱུ་མཚན་གང་མཚོན་གྱི་ཡོད་པ། དེ་བཞིན་དེ་སྔོན་སྤྱི་ལོ་༢༠༢༠་ལོའི་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཅེས་པ་ཟེར་བ་དང་བསྡུར་ན་ཁྱད་པར་བཅས་དང་འབྲེལ་བའི་ཐད་ལ་བོད་རྒྱའི་གནས་ཚུལ་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་ཆོས་སྐྱིད་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
In March 2025, China announced the implementation of revised regulations concerning ethnic unity in the Tibet Autonomous Region. This report examines the key components of these new regulations, analyzes their implications, and compares them with the previous '2020 Tibet Autonomous Region Ethnic Unity Regulations.' To provide expert insight on these developments and their significance, we present a conversation with Sangay Kyab, a researcher specializing in Tibetan-Chinese affairs.

More episodes

View all episodes

  • གཏམ་གླེང་གི་ལས་རིམ། ༠༣།༢༧།༢༠༢༥

    01:00:01|
  • གཏམ་གླེང་གི་ལས་རིམ། ༠༣།༢༥།༢༠༢༥

    01:00:00|
  • གཏམ་གླེང་གི་ལས་རིམ། ༠༣།༢༤།༢༠༢༥

    01:00:00|
  • གཏམ་གླེང་གི་ལས་རིམ། ༠༣།༢༢།༢༠༢༥

    58:15|
    Meditation of madiyamika and description of science. part-2
  • གཏམ་གླེང་གི་ལས་རིམ། ༠༣།༢༠།༢༠༢༥

    58:15|
    ད་རིང་ལེ་ཚན་ནང་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ཞུ་རྒྱུའི་ལེ་ཚན་འདི་མཇུག་བསྡུ་རྒྱུ་དང་། ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་བསླབ་བྱ་སོགས་ཀྱི་ཐོག་ནས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང། The significance of history and the lessons of history.
  • གཏམ་གླེང་གི་ལས་རིམ། ༠༣།༡༨།༢༠༢༥

    58:28|
    ད་རིང་གི་གཏམ་གླེང་ལེ་ཚན་འདིའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་ཡོད་པའི་སྐོར་དང་། དེ་བཞིན་བཙན་བྱོལ་ནང་དུ་ཆོ་འཕྲུལ་སྨོན་ལམ་ཚོགས་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།Tibet's restrictive measures and the celebration of Monlam Prayer held in exile.
  • གཏམ་གླེང་གི་ལས་རིམ། ༠༣།༡༧།༢༠༢༥

    58:15|
    ད་རིང་གི་བརྗོད་གཞི་འདི་ནི་ཆུང་དུས་ནས་སོག་ཡུལ་དུ་ཕེབས་པ་དང་དགོན་པ་མང་པོ་བཞེངས་ཤིང་། བླ་མ་དཀར་པོའི་མཚན་ཐོགས་པ་དང་། དམིགས་བསལ་ཁ་ཆེའི་དམག་འགོག་རྒོལ་གྱི་ཆེད་དུ་དམག་འཁྲུག་ནང་ཞུགས་ཏེ་བྱས་རྗེས་བཞག་པ་སོགས་བླ་མ་དཀར་པོའམ་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་མཆོག་གི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་ཞུས་པ་ཞིག་ཡོད། Lama karpo Jamba ThuTop Kunka Gyaltsen
  • གཏམ་གླེང་གི་ལས་རིམ། ༠༣།༡༥།༢༠༢༥

    58:16|
    ད་རིང་གི་གཏམ་གླེང་ལེ་ཚན་འདིའི་ནང་འདི་ལོའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ནས་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས། ཚོགས་འདུའི་འབྲེལ་ཡོད་ནང་དོན་སོགས་ཀྱི་ཐོག་གནད་དོན་དབྱེ་ཞིབ་པ་དང་ལྷན་དུ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།  In-depth on the two sessions of the CCP and CPCC taking place in Beijing